༄༅༎ རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག黄南藏族自治州藏语文工作条例

  (1993ལོའི་ཟླ5བའི་ཚེས30ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བ་དང་། 1993ལོའི་ཟླ9བའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཆོག་མཆན་བཀོད)

  དོན་ཚན་དང་པོ། བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད། གོང་སྤེལ་བཅས་ལ་འགན་སྲུང་དང་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ ཁྲིམས》《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་༌། རང་ཁུལ་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

  དོན་ཚན་གཉིས་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་སྲིད་ཇུས་དང་། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལག་བསྟར་དོན་འཁྱོལ།   མི་རིགས་སོ་སོའི་སྐད་དང་ཡི་གེ་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས། མི་རིགས་སོ་སོ་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ལ་འགན་སྲུང་བཅས་བྱས་ཏེ། མི་རིགས་སོ་སོས་བཀོལ་སྤྱོད་བྱེད་བཞིན་པའི་ཡི་གེས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། 

  དོན་ཚན་གསུམ་པ། བོད་སྐད་ཡིག་ནི་རང་སྐྱོང་ཁུལ་གྱི་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་བཞིན་པའི་མི་རིགས་ཀྱིས་དབང་ཆ་བཀོལ་སྤྱོད་བྱེད་པའི་སྐད་དང་ཡི་གེ་གཙོ་གྲས་ཤིག་ཡིན།རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་ལག་བསྟར་བྱེད་སྐབས་བོད་རྒྱ་སྐད་ཡིག་གཉིས་མཉམ་དུ་བཀོལ་སྤྱོད་བྱ་དགོས། 

  དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་བྱ་བར་ཁྱབ་སྤེལ་དང་མཐོར་འདེགས་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་དང༌། བོད་རིགས་ཀྱི་ཕུལ་བྱུང་ལོ་རྒྱུས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བོད་སྐད་ཡིག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་། རང་སྐྱོང་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཀྱི་བོད་སྐད་ཡིག་གི་ནུས་པ་འདོན་སྤེལ་བྱ་དགོས། 

  དོན་ཚན་ལྔ་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ལས་བྱེད་དང་ལས་བཟོ་བས་ཕན་ཚུན་གྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པར་སློབ་གསོ་དང་སྐུལ་འདེད་གཏོང་དགོས། བོད་རིགས་ལས་བྱེད་དང་ལས་བཟོ་བས་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དུས་མཚུངས་སུ། རྒྱལ་ཡོངས་སྤྱི་སྤྱོད་ཀྱི་རྒྱ་སྐད་དང་རྒྱ་ཡིག་ལའང་སློབ་སྦྱོང་བྱ་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་ལས་བྱེད་དང་ལས་བཟོ་བས་བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པར་སྐུལ་མ་བྱ་དགོས། 

  དོན་ཚན་དྲུག་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་དགོས་པ་དང༌། དེས་ཁུལ་ཡོངས་ཀྱི་བོད་སྐད་ཡིག་བྱ་བར་དོ་དམ་བྱ་དགོས། རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ནི། 

  (གཅིག) ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། སྲོལ་ཡིག་འདིའི་ལག་བསྟར་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ། 

  (གཉིས) འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་། ཁྲིམས་སྲོལ། སྲིད་ཇུས། སྲོལ་ཡིག་འདི་བཅས་གཞིར་བཟུང་ནས་བོད་སྐད་ཡིག་བཀོལ་སྤྱོད་དང་གོང་སྤེལ་བྱ་བའི་ལག་བསྟར་འཆར་གཞི་དང་བྱེད་ཐབས་གཏན་འབེབས་བྱེད་པ། 

  (གསུམ) བོད་སྐད་ཡིག་གི་སློབ་སྦྱོང་དང་བཀོལ་སྤྱོད་ལ་མཛུབ་སྟོན་བྱེད་པ། 

  (བཞི) བོད་སྐད་ཡིག་གི་ཞིབ་འཇུག་དང་། ཁྱབ་གདལ། ཚད་ལྡན་དུ་གཏོང་བ། རིག་གཞུང་སྤེལ་རེས་བྱེད་པ། ཆེད་ལས་མི་སྣ་གསོ་སྦྱོང་བྱེད་པ་བཅས་ཀྱི་བྱ་བར་རྩ་འཛུགས་བྱེད་པ། 

  (ལྔ) གོང་རིམ་ལས་ཁུངས་དང་རིམ་མཉམ་ལས་ཁུངས་ཀྱི་གཞུང་ཡིག་གལ་ཆེན་དང་། གྲོས་ཚོགས་ཀྱི་ཡིག་ཆ། འབྲེལ་ཡོད་ཡིག་ཆ་བཅས་ཀྱི་ལོ་ཙཱའི་འགན་འཁུར་བ། 

  (དྲུག) རང་སྐྱོང་ཁུལ་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག་གི་གཞུང་ཐམ་དང༌། སྒོ་བྱང་། ཚོང་རྫས་ཀྱི་མིང་སོགས་ཀྱི་ལོ་ཙཱའི་འགྱུར་ཡིག་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་འགན་འཁུར་བ། 

  (བདུན) བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་དག་སྒྲིག་བྱེད་པ། 

  (བརྒྱད) བོད་སྐད་ཡིག་དང་འབྲེལ་བའི་ལས་ཁུངས་སོ་སོའི་ལས་སྒོར་མཛུབ་སྟོན་དང་ཕན་ཚུན་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ། 

  དོན་ཚན་བདུན་པ། རང་སྐྱོང་ཁུལ་མངའ་ཁོངས་ཀྱི་རེབ་གོང་དང༌གཅན་ཚ། རྩེ་ཁོག་བཅས་རྫོང་གསུམ་གྱི་མི་དམངས་སྲིད་གཞུང་དུ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་འཛུགས་དགོས།   

  དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། ཚན་རིག འཕྲོད་བསྟེན། གསར་འགྱུར། གློག་བརྙན་འཕྲིན། ལུས་རྩལ་སོགས་ཀྱི་ཁྱབ་ ཁོངས་སུ་བོད་སྐད་ཡིག་གི་བཀོལ་སྤྱོད་བྱ་བར་ཤུགས་སྣོན་དགོས། 

  དོན་ཚན་དགུ་བ། རང་སྐྱོང་ཁུལ་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱིས་མར་བཀྲམ་པའི་ཡིག་ཆ་དང་བསྒྲགས་ཡིག་གི་ནང་དོན་དེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་མར་བཀྲམ་དགོས་ལ། མར་བཀྲམ་ པའི་དྲིལ་སྒྲོག་གི་ཡིག་ཆ་གལ་ཆེན་དང་དྲིལ་སྒྲོག་དངོས་པོ་དེར་བོད་རྒྱ་ཡིག་རིགས་གཉིས་དུས་མཉམ་དུའམ་ཡང་ན་སོ་སོར་བཀོལ་སྤྱོད་བྱ་དགོས།

  དོན་ཚན་བཅུ་བ། རང་སྐྱོང་ཁུལ་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག་གི་གཞུང་ཐམ། སྒོ་བྱང་། དཔང་རྟགས། སྦྱར་ཡིག ཚོགས་རྟགས། གཞུང་ཡིག་གི་མགོ་བྱང་། ཡིག་ཤུབས། བརྡ་ཁྱབ་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱ་དགོས། རང་སྐྱོང་ཁུལ་ནང་ཁུལ་གྱི་རྫོང་མཁར་དང་༌། ཞང་དང་གྲོང་རྡལ་གྱི་སྲང་ལམ་གཙོ་བོའི་མིང་། ལམ་རྟགས། སྲང་ལམ་གྱི་མིང་། སྤྱི་སྤྱོད་སྒྲིག་ཆས། འགྲིམ་འགྲུལ་མཚོན་རྟགས། རླངས་འཁོར་གྱི་སྒོ་རྟགས་སོགས་སུ་ཡི་གེ་འབྲི་དགོས་ཚེ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱ་དགོས། 

  དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་ནང་ཁུལ་གྱི་ཞབས་ཕྱི་ལས་རིགས་ཀྱི་ཚོང་གཉེར་རྣམ་གྲངས་དང་། ཐོན་རྫས་ཀྱི་མིང་༌། རིན་གོང་རེའུ་མིག དངུལ་འཛིན་སོགས་སུ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱ་དགོས། 

  དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་འཚོགས་པའི་གྲོས་ཚོགས་ཆེ་གྲས་ཀྱི་སྟེང་དུ་བོད་རྒྱ་སྐད་ཡིག་གཉིས་དུས་མཉམ་དུ་བཀོལ་སྤྱོད་བྱ་དགོས་པ་དང་། རང་སྐྱོང་ཁུལ་ནང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག་གིས་འཚོགས་པའི་གྲོས་ཚོགས་སྟེང་། དགོས་དབང་ལྟར་བོད་རྒྱ་སྐད་ཡིག་གཉིས་དུས་མཉམ་དུའམ་ཡང་ན་སོ་སོར་བཀོལ་སྤྱོད་བྱ་དགོས།

  དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་ནང་ཁུལ་གྱི་བོད་རིགས་སྤྱི་དམངས་དང་བོད་ཡིག་བཀོལ་སྤྱོད་བྱེད་བཞིན་པའི་མི་རིགས་གཞན་དག་གིས་རེ་ཞུ་ཡི་གེ་དང་། རེ་འདོད་ཡི་གེ། ཐོ་འགོད་རེའུ་མིག གཞན་པའི་ཡིག་ཆ་སྣ་ཚོགས་བོད་ཡིག་གིས་བྲིས་ཆོག 

  དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་དང་རང་སྐྱོང་ཁུལ་ནང་ཁུལ་གྱི་ཁེ་ལས་དོན་ལས་སྡེ་ཁག་གིས་ལས་བཟོ་བ་དང་། ལས་བྱེད་པ། སློབ་མ་བཅས་བསྡུ་བ་དང༌། ལག་རྩལ་དཔྱད་ ཞིབ། གོ་གནས་ཇེ་མཐོར་གཏོང་བ། མཚན་གནས་ཞིབ་དཔྱད་གཏན་འཁེལ་བཅས་ཀྱི་སྐབས་སུ་བོད་རྒྱ་སྐད་ཡིག་གཉིས་བཀོལ་སྤྱོད་བྱེད་ཆོག་པ་དང་། རྒྱུགས་སྤྲོད་མཁན་གྱིས་རང་ཉིད་ཀྱི་འདོད་མོས་ལྟར་དུ་བྱེ་བྲག་གི་སྐད་ཡིག་གཅིག་བདམས་ཏེ་འབྲི་དགོས། 

  དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་ཞིབ་བཤེར་དང་ཞིབ་གཅོད་བྱེད་པའི་གོ་རིམ་ཁྲོད། བོད་རྒྱ་སྐད་ཡིག་གཉིས་དུས་མཉམ་དུའམ་ཡང་ན་སོ་སོར་བཀོལ་སྤྱོད་བྱ་དགོས། བོད་སྐད་ཡིག་དང་རྒྱའི་སྐད་ཡིག་མི་ཤེས་པའི་གཏུག་བཤེར་བྱེད་མཁན་ལ་ལོ་ཙཱ་བྱེད་དགོས། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་གཏུག་གཤེར་ཡི་གེ་དང་། བཅད་ཁྲ། བསྒྲགས་ཡིག ཁྲིམས་དོན་ཡིག་རིགས་གཞན་དག་བཅས་ལ་དགོས་དབང་ལྟར་བོད་རྒྱ་ཡིག་རིགས་གཉིས་དུས་མཉམ་དུའམ་ཡང་ན་སོ་སོར་བཀོལ་སྤྱོད་བྱ་དགོས།

  དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག་གིས་མི་རིགས་སོ་སོའི་སྤྱི་དམངས་ཀྱི་ཡིག་སྐུར་དང་འཚམས་འདྲི་བདག་སྤྲོད་དང་སྣེ་ལེན་བྱེད་པའི་སྐབས་སུ། ཡིག་སྐུར་མཁན་དང་འཚམས་འདྲི་མཁན་གྱིས་ཤེས་ཐུབ་པའི་སྐད་དང་ཡི་གེ་བཀོལ་སྤྱོད་བྱ་དགོས། 

  དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་ནང་ཁུལ་གྱི་བོད་རིགས་སློབ་འབྲིང་དང་སློབ་ཆུང་གིས་བོད་སྐད་ཡིག་གི་སློབ་ཁྲིད་ལ་ཤུགས་སྣོན་བྱེད་པའི་དུས་མཚུངས་སུ་རྒྱའི་སྐད་ཡིག་གི་སློབ་ཁྲིད་ལའང་ཤུགས་སྣོན་དགོས་པ་དང་། བོད་རིགས་ཀྱི་སློབ་མ་ཅུང་མང་བའི་སློབ་འབྲིང་དང་སློབ་ཆུང་དཀྱུས་མ་རུ་གནས་ཚུལ་དངོས་ལ་གཞིགས་ཏེ་བོད་སྐད་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱ་དགོས། 

  དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱི་མི་རིགས་དགེ་ཐོན་སློབ་ གྲྭས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལ་ཤུགས་སྣོན་དང་། བོད་རྒྱ་སྐད་ཡིག་གཉིས་ཀར་བྱང་ཆ་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་སྐྱེད་ སྲིང་བྱ་དགོས། 

  དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན་ལེགས་པོར་བསྒྲུབ་དགོས་པ་དང་། རིམ་བཞིན་རང་གིས་སྒྲུབ་པའི་བོད་སྐད་ཀྱི་ལེ་ཚན་ཇེ་མང་དུ་ གཏོང་དགོས་པ་མ་ཟད། 《རྨ་ལྷོ་བོད་ཡིག་ཚགས་པར》ཧུར་བརྩོན་གྱིས་བསྒྲུབ་དགོས། རང་སྐྱོང་ཁུལ་ནང་ཁུལ་གྱི་དཔེ་ཁང་དང་ཡིག་སྐྱེལ་གློག་འཕྲིན་སྡེ་ཁག་གིས་བོད་ཡིག་གི་དཔེ་དེབ་དང་། ཚགས་པར། དུས་དེབ་སོགས་ཀྱི་འགྲེམ་སྤེལ་དང་སྐྱེལ་གཏོང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། བོད་ཡིག་དཔེ་དེབ་ཀྱི་རྣམ་གྲངས་དང་གྲངས་འབོར་རིམ་བཞིན་ཇེ་མང་དུ་གཏོང་དགོས། 

  དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ནས་ཚན་རྩལ་མི་སྣ་དང་རིག་རྩལ་བྱ་བ་བྱེད་མཁན་གྱིས་བོད་སྐད་ཡིག་གི་ལམ་ནས་ཚན་རིག་ཞིབ་འཇུག་དང་། དཔྱད་རྩོམ་དང་རྩོམ་འབྲི་བ། རིག་རྩལ་གསར་རྩོམ་དང་འཁྲབ་སྟོན་བཅས་བྱེད་པར་གྲོས་འདོན་དང་སྐུལ་མ་བྱ་དགོས། 

  དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་གི་ཚན་རིག་ཞིབ་འཇུག་གི་བྱ་བར་སྣེ་ཁྲིད་པར་ཤུགས་སྣོན་དགོས། བོད་སྐད་ཡིག་གི་ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དེ་བོད་སྐད་ཡིག་གི་རྨང་གཞི་དང༌་། མིང་ཚིག་གསར་བ། བརྡ་ཆད་གསར་བ། ཚན་རྩལ་ཐ་སྙད་ཀྱི་བཀོལ་སྤྱོད་དང་ཚད་ལྡན་གཏོང་བ་བཅས་ཀྱི་ཞིབ་འཇུག་གི་སྟེང་དུ་གཞོལ་དགོས། 

  དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་ཀྱི་ཕུལ་བྱུང་ཤུལ་བཞག་རིག་གནས་འཚོལ་བསྡུ་དང་། སྔོག་འདོན། དག་སྒྲིག་བཅས་བྱ་དགོས་པ་མ་ཟད། བོད་ཡིག་དཔེ་རྙིང་ལ་སྲུང་སྐྱོབ་བྱ་དགོས། 

  དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་བྱ་བ་བྱེད་མཁན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང༌། ཐབས་ལམ་སྣ་མང་འཐེན་ཞིང་འཆར་གཞི་ཡོད་པའི་སྒོ་ནས་བོད་སྐད་ཡིག་གི་ལས་བྱེད་མི་སྣ་ཁུལ་ཕྱིའི་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་ཏུ་ཟབ་སྦྱོང་བྱེད་པར་འདེམ་མངགས་བྱས་ཏེ། ལས་སྒོའི་བྱང་ཚད་མཐོར་འདེགས་གཏོང་དགོས། 

  དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ ཆེད་གཉེར་ལོ་ཙཱ་བའི་སྐྱེད་སྲིང་ལ་མཐོང་ཆེན་བྱ་དགོས། རང་སྐྱོང་ཁུལ་ནང་ཁུལ་དུ་བོད་ཀྱི་ལས་བཟོ་བ་ཅུང་མང་བའི་ཁེ་ལས་དོན་ལས་སྡེ་ཁག་དང་བོད་རིགས་འདུས་སྡོད་ཀྱི་ཞང་དང་གྲོང་རྡལ་དུ། དགོས་དབང་ལྟར་བོད་སྐད་ཡིག་གི་ཆེད་གཉེར་ལོ་ཙཱ་བའམ་ལོ་ཙཱ་བ་གཅིག་ལྕོགས་པ་བཀོད་སྒྲིག་བྱ་དགོས། 

  དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་ སྐད་ཡིག་གི་བྱ་བ་བྱེད་མཁན་ལ་ལས་སྒོ་དཔྱད་ཞིབ་བྱ་དགོས་པ་དང་། གཏན་འབེབས་ལྟར་གོ་གནས་ཇེ་མཐོར་གཏོང་བ་དང་མཚན་ གནས་ཞིབ་དཔྱད་གཏན་འཁེལ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། 

  དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་ལག་བསྟར་ཀྱི་ཐད་ནས་མིག་དཔེའི་ནུས་པ་ཐོན་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་སྟེར་དགོས་པ་དང་། སྲོལ་ཡིག་འདིའི་ནང་དོན་དང་འགལ་བའི་ལས་ཁུངས་དང་མི་སྒེར་ལ་སྐྱོན་བརྗོད་སློབ་གསོ་དང་སྲིད་འཛིན་ཆད་གཅོད་བྱ་དགོས། རང་སྐྱོང་ལས་ཁུངས་ཀྱིས་བོད་རྒྱ་སྐད་ཡིག་གཉིས་ཡན་གྱི་སྐད་ཡིག་སྣ་མང་གི་བཀོལ་སྤྱོད་ལ་བྱང་ཆུབ་པའི་ལས་བྱེད་མི་སྣར་གཟེངས་བསྟོད་དང་། བོད་སྐད་ཡིག་གི་སློབ་ཁྲིད་དང་། ཚན་རིག་ ཞིབ་འཇུག ལོ་ཙཱ་སོགས་ཀྱི་ཐད་ནས་གྲུབ་འབྲས་འབུར་ཐོན་བླངས་པའི་མི་སྣར་བྱ་དགའ་སྟེར་དགོས། 

  དོན་ཚན་ཉེར་བདུན་པ། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐད་ཡིག་བྱ་བའི་སྲོལ་ཡིག་རང་སྐྱོང་རྫོང་རང་སྐྱོང་ལས་ཁུངས་རང་ཉིད་ཀྱིས་གཏན་ལ་ཕབ་དགོས།

  དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདིའི་བྱེ་བྲག་གི་ལག་བསྟར་བྱེད་ཐབས་ཁུལ་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་དགོས། 

  དོན་ཚན་ཉེར་དགུ་བ། སྲོལ་ཡིག་འདིར་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་འགྲེལ་བཤད་ཀྱི་འགན་འཁུར་དགོས། 

  དོན་ཚན་སུམ་ཅུ་བ། སྲོལ་ཡིག་འདི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས། སྤྱི་ལོ1994ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་སྟེ་དངོས་སུ་ ལག་བསྟར་བྱ་དགོས།

黄南藏族自治州藏语文工作条例 (1993 年 5 月 30 日黄南藏族自治州第十届人民代表大会第三 次会议通过;1993 年 9 月 18 日青海省第八届人民代表大会常务 委员会第五次会议批准) 


  第一条 为了保障和促进藏语言文字的学习、使用和发 展,根据 《 中华人民共和国宪法 》、《 中华人民共和国民族 区域自治法 》 和 《 黄南藏族自治州自治条例 》 的有关规定, 结合本州实际,制定本条例。

 第二条 自治州自治机关贯彻执行党和国家的民族语文 政策和有关法律、法规的规定,坚持各民族语言文字平等 的原则,保障各民族都有使用和发展自己的语言文字的自 由,使民族应用文字为巩固和发展平等、团结、互助的社 会主义民族关系,推进社会主义物质文明和精神文明建设 服务。

 第三条 藏语文是自治州实行区域自治的民族行使权利 的主要语言文字之一。自治州自治机关执行职务的时候, 通用藏汉两种语言文字。

 第四条 自治州对藏语文工作坚持普及与提高相结合的 原则,继承和发扬藏族优秀的历史文化遗产,促进藏语文 的发展,发挥藏语文在自治州改革开放和经济建设中的作 用。

 第五条 自治州自治机关教育和鼓励各民族的干部职工 互相学习语言文字。藏族干部职工在学习、使用本民族语 言文字的同时,要学习全国通用的普通话和汉文。提倡汉 族和其他少数民族干部职工学习藏语言文字。

 第六条 自治州人民政府设立藏语文工作委员会,管理全 州藏语文工作。 自治州藏语文工作委员会的职责是:

 (一)宣传、贯彻党和国家的民族语文政策,检查督促 本条例的实施;

 (二)根据有关法律、法规、政策和本条例,制定使用 和发展藏语文工作的实施规划和措施; 

 (三)指导藏语文的学习和使用; 

 (四)组织藏语文的研究、推广、学术交流和规范化及 专业人员的培训工作; 

 (五)承担上级机关和同级机关的主要公文、会议材料 和有关资料的翻译; (六)负责审核自治州地方国家机关和企事业单位的公 章、牌匾、商品名称等文字翻译;

 (七)搜集、整理藏语文古籍文献;

 (八)指导和协调有关藏语文工作部门之间的业务和关 系;

  第七条 自治州下属的同仁、尖扎、ope2018网 设立 藏语文工作办公室。

  第八条 自治州自治机关在政治、经济、文化、教育、科学、 卫生、新闻、影视、体育等领域中,加强藏语文的使用工作。

  第九条 自治州地方国家机关下发的文件和布告,用藏、 汉两种文字并发。下发的重要宣传材料和宣传品,同时或 分别使用藏、汉两种文字。

  第十条 自治州地方国家机关和企事业单位的公章、牌 匾、证件、标语、会标、公文头、信封、广告等使用藏汉 两种文字。 自治州内县城、乡镇的主要街道名称、路标、街牌、公 用设施、交通标记和汽车门徽等需要书写文字的,使用藏、 汉两种文字。

  第十一条 自治州内服务行业的经营项目、产品名称、 价格表、票据等,使用藏、汉两种文字。

  第十二条 自治州自治机关召开大型会议,同时使用藏、 汉两种语言文字,自治州内的国家机关和企事业单位召开 的会议,根据需要同时或者分别使用藏、汉两种语言文字。

  第十三条 自治州内的藏族公民和使用藏文的其他民族 公民,可使用藏文填写各种申请书、志愿书、登记表及书 写各类文书。

  第十四条 自治州自治机关和自治州内的企事业单位在 招工、招干、招生和技术考核、晋级、职称评定时,可使用藏、 汉两种语言文字,应考者根据本人意愿选择其中一种语言 文字。

  第十五条 自治州各级人民法院和人民检察院在检查审 理案件中,同时或分别使用藏、汉两种语言文字,对不通 晓藏语文或汉语文的诉讼参与人应当为他们翻译。 自治州各级人民法院、人民检察院的起诉书、判决书、 布告和其他法律文书,根据需要,同时或者分别使用藏、 汉两种文字。

  第十六条 自治州地方国家机关和企事业单位,在受理 和接待各民族公民来信来访时,使用来信来访者所通晓的 语言文字。

  第十七条 自治州内的藏族中、小学在加强藏语文教学的 同时,要加强汉语文教学;藏族学生较多的普通中、小学, 根据实际情况,开设藏语文课。

  第十八条 自治州民族师范学校要加强藏、汉两种语言文 字的教学,培养兼通两种语言文字的师资。

  第十九条 自治州自治机关要办好藏语广播、电视,逐步 增加自办藏语节目,积极创办 《 黄南藏文报 》。 自治州内的书店和邮电部门要做好藏文图书、报刊等的 发行投递工作,逐步扩大藏文图书的种类和范围。

  第二十条 自治州自治机关提倡和鼓励科技人员、文艺工 作者使用藏语文从事科研、撰写论文和著作,进行文艺创 作和演出。

  第二十一条 自治州自治机关加强对藏语文科学研究工 作的领导。藏语文的科学研究应侧重于藏语文的基础、新 名词、新术语、科学技术用语的应用和规范化的研究。

  第二十二条 自治州自治机关积极搜集、挖掘、整理藏族 优秀文化遗产,保护藏语文的古籍文献。

  第二十三条 自治州自治机关加强对藏语文工作队伍的 建设,采取多种形式,有计划地选送藏语文工作者到州外 高等院校和研究部门进修,提高业务素质。 

  第二十四条 自治州自治机关重视培养专职翻译人员。自 治州内藏族职工较多的企事业单位和藏族聚居的乡、镇, 根据需要,配备专职或兼职的藏语文翻译人员。

  第二十五条 自治州自治机关对藏语文工作者,定期进行 业务考核,按照规定做好晋级和职称评定等工作。

  第二十六条 自治州自治机关对模范执行本条例的单位 和个人,予以奖励,对违反本条例的单位和个人,分别给 予批评教育或行政处罚。 自治机关对掌握和熟练使用藏、汉两种以上语言文字的 工作人员给予表彰,对从事藏语文教学、科研和翻译等取 得显著成绩的人员给予奖励。 

 第二十七条 河南蒙古族自治县的语文工作条例,由自治 县自治机关自行确定。

 第二十八条 本条例的具体实施办法由州人民政府制定。

 第二十九条 本条例由自治州人民代表大会常务委员会 负责解释。

 第三十条 本条例经青海省人民代表大会常务委员会批 准后,自 1994 年 1 月 1 日起正式施行。

ope篮球投注 我们网站声明联系我们

主办:ope2018网 维护:ope2018网 办公室 联系电话:(0973)8752094

Copyright ®2007-2013 ope2018网 www.ybfny.com 中文域名:ope2018网 .政务

青ICP备05001601号-1青公网安备 63232302000001号